ཉི་ཆོས་བཟང་པོས་རྒྱལ་བོར་བཙོག་པ་ཟ་རུ་བཅུག་པ།
02/07/2011 00:52
ཉི་ཆོས་བཟང་བོས་ལོ་སར་ཚེས་གཅིག་ཉིན་ཇ་ལ་ཚ་ཇི་ལྟར་བརྒྱབ་པའི་ཚུལ་རྒྱལ་བོས་གསན་པ་དང་། ཉི་ཆོས་བཟང་བོ་རྒྱལ་ཁང་གི་ཐོག་རྩེགས་གསུམ་པའི་ཁང་ཆུང་ཞིག་གི་ནང་དུ། གཅེར་བུར་བཙོན་ལ་བཅུག་ནས་བཞག། དེ་དུས་དཔྱིད་ཟླ་དང་པོའི་ནང་ཡིན་སྟབས། གནམ་གཤིས་ཧ་ཅང་གྲང་ངར་ཆེ་བའི་སྒང་ཡིན་པ་རེད།