གནམ་ལ་གནམ་གྲུ་འགྲོ་གི།
27/07/2011 23:51
༄༅།།གནས་ལ་གནམ་གྲུ་འགྲོ་གི།
གསེར་གྱི་གནམ་གྲུ་འགྲོ་གི།
གསེར་གྱི་གནམ་གྲུ་ནང་ལ།།
ཡིད་བཞིན་ནོར་བུ་ཕེབས་སོང་།།
ས་ལ་རླངས་འཁོར་འགྲོ་གི།
གཡུ་ཡི་རླངས་འཁོར་འགྲོ་གི།
གཡུ་ཡི་རླངས་འཁོར་ནང་ལ།།
པན་ཆེན་བླ་མ་ཕེབས་སོང་།།
ཆུ་ནང་གྲུ་གཟིངས་འགྲོ་གི།
དངུལ་གྱི་གྲུ་གཟིངས་འགྲོ་གི།
དངུལ་གྱི་གྲུ་གཟིངས་ནང་ན།།
བོད་མི་ཚང་མ་ཕེབས་བྱུང་།།
བོད་མི་ཚང་མ་ཕེབས་ནས།།
རྒྱ་དམར་མཐར་སྐྲོད་མཏོང་དགོས།།
རྒྱ་དམར་མཐར་སྤྲོད་བཏང་ནས།།
རང་ཡུལ་ཕྱོགས་ལ་ཕེབས་འགྲོ།