wildyaks
Wildyaks
>
གསང་སྤྱོད་མ་སྙེད་པ།
གསང་སྤྱོད་མ་སྙེད་པ།
༅༎ ས་ལེ་རྒྱལ་ཁ་ན་ཊར་སླེབས་པའི་ནུབ་དེར། ཁོའི་ཆུང་མའི་ཨ་མའི་ནང་དུ་ནུབ་ཇ་འཐུང་དུ་སོང་བ་རེད།ཁོང་ཚོས་ནུབ་ཇ་འཐུང་ཞོར་དུ་ཟས་རིགས་དང་འབྲེལ་བའི་ལབ་གླེང་བྱས། ཁོ་ན་རེ། ང་འཆི་ནའང་། རྒྱ་མཚོའི་ནང་གི་འབུ་རིགས་ཟ་མི་སྲིད་ཅེས་བཤད།ཁོའི་ཆུང་མའི་ཨ་མ་དོག་མི་བདེ་བར་ཁོའི་གདོང་ལ་ཅེར་ནས་བསྡད་ཡོད་པ་རེད། རྒྱུ་མཚན་ནི། ཁོས་རྔམ་འཐུང་བྱེད་བཞིན་པའི་ཟ་མ་དེ་ནི་འབུ་དག་དག་ཡིན་པ་རེད།ཁོང་ཚོས་ནུབ་ཇ་འཐུང་ཚར་བ་དང་། ཁོ་གསང་སྤྱོད་ནང་དུ་གཅིན་པ་གཏོང་དུ་སོང་།ཁོས་སྔོན་ཆད་སྡོད་སྟེགས་གསང་སྤྱོད་མཐོང་མྱོང་མེད་པ་དང་། ལྷག་པར་ཁ་ལེབ་སྟེང་ལ་ས་གདན་ཆུང་ཆུང་བཀབ་ཡོད་པས། ཁོས་གསང་སྤྱོད་མ་སྙེད་པ་རེད།དེ་ནས་ཁོས་ཁྲུས་གཞོང་མཐོང་སྟེ། སེམས་ལ། ཕྱི་རྒྱལ་གྱི་གསང་སྤྱོད་དེ་ཇི་འདྲའི་སྟབས་ལེགས་མེད་པ་ཞིག་རེད་བསམ་པ་དང་། ཁྲུས་གཞོང་ནང་དུ་གཅིན་པ་བཏང་བ་རེད།
Menu
གློག་ཀླད་ལས་འཆར། Computer Project
བྱིས་སྐྱོང་བསླབ་བྱ།
སྐད་ཡིག་བསླབ་བྱ། Quotes
བསླབ་བྱ་གྲགས་ཆེན། Famous Quotes
ང་ཚོའི་སྐོར། About us
བྱིས་སྐྱོང་སློབ་གསོའི་མན་ངག་གཅེས་བཏུས།
བྱིས་པའི་གླུ་གཞས། Children's songs
བྱིས་པའི་བརྙན་འཕྲིན། Videos
ཐ་སྙད་གསར་བ།new vocabulary
བོད་ཡིག་སྦྱོང་ས། Learning Tibetan
སྒྲ་ལྡན་བྱིས་སྒྲུང་། Stories on MP3
འདྲ་པར། Event Photos
ཚོང་ཁང་། Shopping
ལོ་རེའི་སྙན་ཐོ། Annual report
བྱ་འགུལ། Events
སྣ་ཚོགས། Variety
གཡག་རྒོད་དང་འབྲེལ་བའི་གསར་འགྱྱར། Wildyaks in the news
Search site
Search site
Contact
Administrator
416-453-9887
admin@wildyaks.com
Homepage
Site map
RSS
Print